▼ 点击下面音频,播放歌曲
ཕ་ཡུལ 故乡
ཚིག། དགེ་སངས་རྒྱལ་ 词 巴青·格桑甲
དབྱངས། དགེ་སངས་རྒྱལ་ 曲 巴青· 格桑甲
གླུ་བ། དགེ་སངས་རྒྱལ་ 演唱 巴青·格桑甲
རི་མཐོ་ཆུ་གཙང་ ཨ་སྔོན་སྤྲིན་དཀར།
མཐོ་སྒང་གངས་རི་འདི་ངའི་ཚེ་སྲོག་གི་ཞིང་ཁམས།
ལྷ་བསང་དཀར་པོ་དགུང་འཕྱུར་ཞིང།
དྲོད་སྐྱིད་ཉི་མ་ས་ལ་ཁྱབ་སོང།
གངས་རི་རྩ་ཐང་ སྙན་པའི་རྫི་གླུ།
ཕ་ཡུལ་བྱང་ཐང་འདི་ངའི་ཚེ་སྲོག་གི་འབྱུང་ས།
ཞིམ་མངར་འོ་ཇ་མཆོད་པ་འབུལ་དུས།
འབྲོག་པའི་ཞལ་རས་འཛུམ་གྱིས་རྒྱན་ཡོད།
ཕ་ཡུལ་ན་ལོག་འགྲོ་ གངས་ལྗོངས་ལ་ཆས་འགྲོ།
ཕ་ཡུལ་གྱི་མཛེས་ལྗོངས་ལྷ་ཡུལ་གྱི་ཞིང་ཁམས།
ཕ་མེས་ཀྱི་རིག་གཞུང་བུ་ང་ཡི་ཚེ་སྲོག་ཡིན།
高山青水 蓝天白云
雪域高原是我生命的家
神奇藏香飘满四方
明媚阳光照亮大地
雪山草原 悠扬牧歌
魅力羌塘 是我生命的家
酥油奶茶 益着清香
热情牧民心亮大地
ཕ་ཡུལ་ན་ལོག་འགྲོ་ བྱང་ཐང་ན་ལོག་འགྲོ།
ཕ་ཡུལ་གྱི་སྦྲ་གུར་བུ་ང་ཡིས་ཕ་ཁྱིམ།
སྙན་འཇེབས་ཀྱི་རྫི་གླུ་ཕ་མེས་ཀྱི་དབྱངས་རྟ་ཡིན།
བོད་ཀྱི་ན་གཞོན་གླུ་བ་དགེ་སངས་རྒྱལ་དངོས་མིང་ལ་དགེ་སེམས་འགྱུར་མེད་ཟེར་ལ་ད་ལྟ་སློབ་ཆེན་ལ་འགྲོ་བའི་དངོས་གཞིའི་ཚན་ཁག་གི་སློབ་མ་ཞིག་རེད་ཁོ་བོ་ནི་བོད་བྱང་ཐང་ཧོར་སྦྲ་ཆེན་ཕྱུག་མོ་ལ་སྐྱེས་ཞིང་ཆུང་དུས་ནས་གླུ་དབྱངས་དང་སྒྱུ་རྩལ་རིགས་ལ་ཧ་ཅང་དགའ་བའི་བུ་ཞིག་ཡིན་པ་མ་ཟད་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ནི་དེ་བས་ཀྱང་སྙིང་དབུས་ནས་དགའ་གུས་བྱེད་ཀྱི་ཡོད།ཁོ་བོ་ཆུང་དུས་ནས་འབྲོག་པའི་འཚོ་བ་ལ་རོལ་ནས་ཚར་ལང་བྱུང་བས་ཕ་ཡུལ་གྱི་རི་ཆུ་སྦྲ་གུར་ནོར་ལུག་དེ་བཞིན་ཆེས་བརྩི་བའི་ཕ་མ་དང་ཡུལ་མི་ལ་སོགས་ལ་དུང་བའི་སེམས་པ་ནི་དངས་གཙང་ལྷད་མེད་ཞིག་རེད།ཁོ་བོ་སློབ་གྲྭ་འགྲིམས་དུས་སློབ་རའི་བྱེད་སྒོ་གང་མང་ཞིག་ཞུག་མྱུང་ཡོད་ལདོན་སྙིང་ལྡན་པའི་སྙན་ཐུང་འགའ་འཁྲབ་མྱོང་ཡོད་ལ་ཁོ་བོས་གླུ་དབྱངས་དང་སྒྱུ་རྩལ་ལ་དགའ་བའི་མེ་ལྕེ་དེ་ནམ་ཡང་ཟིམ་མ་མྱོང་།༢༠༡༤ལོ་ནས་བཟུང་ཁོ་བོས་སློབ་གསེང་གི་དུས་ཚོད་བེད་སྤྱོད་བྱས་ཏེ་རྒྱུན་དུ་ནས་སྦྱང་བརྩོན་དང་འབད་པ་སྒོ་ནས་དབྱངས་དང་ཚིག་གང་མང་ཞིག་གསར་རྩོམ་བྱས་ཏེ་༢༠༡༧ལོར་རང་གི་ཆེས་ཐོག་མའི་ཁྱད་སྒྲིགས་<<ཕ་ཡུལ།>>ཞེས་པ་དེ་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་པའི་སྙན་ལམ་དུ་འབུལ་རྒྱུར་ཡིན་ལ་དེ་ནི་ཁོ་བོས་ཕ་ཡུལ་གྱི་ཡུལ་མི་དང་བོད་རིགས་སྤུན་ཟླ་རྣམས་ལ་འབུལ་བའི་གནམ་ལོ་གསར་ཚེས་ཀྱི་སྨོན་ཚིག་ཞིག་ཡིན་།
དགེ་སངས་རྒྱལ།
格桑甲本名格桑久美,出生在于羌唐那曲霍巴青县的一个牧民家,是一名正在读本科的大学学子。他自幼喜爱音乐和艺术,怀着一颗赤子之心,对自己的故乡和雪域高原充满了热烈真诚的爱,并且对本民族的文化有深厚的感情。虽然他没有经过专业的声乐训练,但他在学校积极的参加各种表演活动,使自己对音乐有了更大的兴趣,并提高自己的演唱才能。在大学的时候他利用自己课余时间,自学曼陀铃,也创作了很多属于自己的原创歌曲。
2017年他的首张个人专辑《故乡》就要与广大的藏族同胞们见面了。这张专辑都是他自己的原创词曲,表达了他对故乡的眷恋之情和对雪域高原的赞美,是给献给广大藏族同胞的新年的礼物与来自内心深处的祝福。
彩
歌曲上线·歌手宣传·歌曲推广·广告合作
联系QQ:1229174590
微信号:18997130605(非公勿扰)
(如有侵权,请联系我们删除)